ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྙིང་གི་ཁྲག་རྩ་འགག་པ་དང་གྲིབ་སྐྱོན་ཟེར་བའི་ན་ཚ་གཉིས་འཕར་རྩ་ལ་ཐུག་ཡོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མི་རྣམས་ཀྱིས་སྐྲན་གྱི་ན་ཚ་དེ་བཅོས་ཐབས་མེད་པར་བརྟེན་ནས་མི་འཆི་སྐྱོན་ཡོང་རྐྱེན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་སྲིད་མོད། འོན་ཀྱང་དོན་ངོ་མའི་ཐོག་འཛམ་གླིང་ནང་མི་འཆི་སྐྱོན་ཡོང་རྐྱེན་གྱི་ན་ཚ་ཤུགས་ཆེ་ཤོས་དེ་འཕར་རྩ་འགག་པའི་ན་ཚ་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་དེང་དུས་ཀྱི་གསོ་རིག་སྨན་དོན་མཁས་པ་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས་སྙིང་གི་ཁྲག་རྩ་འགག་པའི་ན་ཚ་དང་ཀླད་རྩ་འགག་པའི་ན་ཚ་གཉིས་ཀྱི་འབྱུང་ཁུངས་ཏེ། འཕར་རྩའི་སྐོར་ལ་འགྲེལ་བརྗོད་བྱེད་སྐབས། འཕར་རྩ་འགག་པའི་ན་ཚ་དེ་གཙོ་བོ་མི་སོ་སོའི་འཚོ་བའི་གོམས་གཤིས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་འདུག

XS
SM
MD
LG