Accessibility links

བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་ལ་ངོ་རྒོལ་གནང་འདུག


བཙུན་མ་བསྟན་འཛིན་ཆོས་སྒྲོན

རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ས་ཁུལ་ཨ་མདོ་རྔ་པ་རྫོང་གི་མ་མ་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་པ་དང་། གནས་ཚུལ་འབྱོར་བར་གཞིགས་ན་ ་རང་ལོ་ ༡༨ ཡིན་པ་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་བཙུན་དགོན་ཞོལ་གྱི་གསུམ་མདོའི་ཟམ་ཁ་ན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ཅིང་། སྐབས་དེར་ཁོང་གྲོངས་མེད་པ་དང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་བསླེབས་ནས་འབར་ཁམས་སུ་ཐད་ཀར་འཁྱེར་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་ནི་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ལ་ངོ་རྒོལ་གནང་མཁན་ ༢༣ པ་དེ་ཡིན་པ་བཅས་ཀྱི་སྐོར། བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG