༄༅།། ཡུཀ་རེན་གྱི་བྱང་ཤར་ས་ཁུལ་དུ་ཆགས་པའི་ཁར་ཀིབ་ཕྱོགས་སུ་ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱས་ནས་ཡུཀ་རེན་གྱི་དམག་མི་རྣམས་ས་གནས་ཁག་གཉིས་ནས་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ད་དུང་སྲིད་འཛིན་ཛེ་ལན་སི་ཀི་ཕྱིའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པའི་མཛད་རིམ་ཁག་ཀྱང་ཕྱིར་འཐེན་བྱས།
ཨ་རིའི་ཕྱི་སྲིད་དྲུང་ཆེས་རེས་གཟའ་མིག་དམར་ཉིན་གློ་བུར་དུ་ཡུག་ཀེ་རེན་གྱི་རྒྱལ་སར་འཚམས་འདྲི་ཕེབས་ནས་ཡུལ་དེའི་སྲིད་འཛིན་དང་མཇལ་མོལ་གནང་ཡོད་པ་དང་། དེ་ནི་ཡུག་ཀེ་རེན་གྱི་ཤར་རྒྱུད་ས་ཁུལ་དུ་ཨུ་རུ་སུས་གཏོར་རྒོལ་ཚབས་ཆེན་གཏོང་བཞིན་པའི་ཛ་དྲག་གི་དུས་སྐབས་ཤིག་ལ་འཁེལ་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ཐོག་སྒོ་ཁྲལ་གསར་པ་ཁག་ཅིག་བཀོད་སྡོམ་གནང་པ་དང་། དམིགས་བསལ་རྒྱ་ནག་གི་གློག་ཤུགས་འགྲུལ་འཁོར་གྱི་ཐོག་སྒོ་ཁྲལ་བཀོད་སྡོམ་གནང་རྒྱུའི་གསལ་བསྒྲགས་གནང་པ་དེ་ཡིས་ཨ་རིར་དངོས་འབྲེལ་ཁེ་ཕན་ཡོང་མིན་དང་། རྒྱ་ནག་གི་ཕྱོགས་ནས་བརྡ་ལན་བྱེད་རྒྱུའི་གསལ་བསྒྲགས་བྱས་པའི་སྐོར་ལ་ནོར་བུ་བསམ་འཕེལ་ནས།
ཨུ་རུ་སུས་ཡུག་ཀེ་རེན་གྱི་བྱང་རྒྱུད་དུ་དཔུང་འཇུག་བྱས་ནས་གནས་སྟངས་ཛ་དྲག་ཆགས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་གཉིས་བར་གྱི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་དཀྱིལ་ཤར་ཁུལ་གྱི་ཟིང་འཁྲུག་དེ་བཞིན་བརྗོད་གཞི་གཙོ་བོ་ཞིག་ཆགས་ཡོད་སྟབས། ཡུག་ཀེ་རེན་གྱི་གནས་སྟངས་ལ་དོ་ཁུར་བྱ་རྒྱུ་ཁག་པོ་ཆགས།
༄༅།། རྒྱ་ནག་པ་༡༦༢༠༠་ལྷག་གིས་ཡུལ་སྒོར་སྤྲོ་འཆམ་གྱི་ཐོངས་མཆན་ཞུས་ཧྥི་ལི་ཕིན་ལ་འབྱོར་བའི་རྗེས་སུ་རིམ་གྱིས་སློབ་ཕྲུག་གི་ཐོངས་མཆན་ལ་བསྒྱུར།
༄༅།། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་དབུས་སྤྱི་ཁྱབ་ལས་ཁུངས་མདུན་དུ་ལས་འགུལ་བ་ཚོས་འབྲུག་གཞུང་གིས་བཙོན་ཁང་དུ་བཅུག་ཡོད་པའི་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན་ནས་ངོ་རྒོལ་བྱས་འདུག
༄༅།། གཟའ་ཉི་མའི་ཉིན་ཕུ་ཊིན་གྱི་ལས་དུས་ལྔ་པ་འགོ་ཚུགས། ཨུ་རུ་སུའི་ཁྲིམས་ལུགས་ལྟར་སྲིད་འཛིན་གྱི་ལས་དུས་གསར་པ་རེ་འགོ་འཛུགས་པའི་དུས་སུ་བློན་ཆེན་ཚང་མས་རང་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས་ཤིང་།
ཨ་རིའི་སློབ་གྲྭ་ཁག་གི་ནང་པ་ལི་སི་ཐན་ལ་རྒྱབ་སྐྱོར་དང་ཨི་སི་རེལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དེར། འཛམ་གླིང་ཁྱོན་ཡོངས་སུ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། ངོ་རྒོལ་ལས་འགུལ་དེར་འཛིན་པའི་རྣམ་འགྱུར་དེ་དང་ཐོག་སྤོབས་པ་སྐྱེས་ཡོད་པ་ནས་རིམ་བཞིན་ཧང་སངས་ནས་སྐྱོན་བརྗོད་བྱེད་བཞིན་པ་ཞིག་ཏུ་འགྱུར་ལྡོག་ཕྱིན་ཡོད།
ཨི་སི་རེལ་གཞུང་གིས་གྷ་ཛའི་ལྷོ་ཕྱོགས་ར་ཧྥ་རུ་དམག་གི་ལས་འགུལ་བདུན་ཕྲག་འདིར་འགོ་བཙུགས་ཡོད་པ་དང་། ལས་འགུལ་དེར་ཨ་རིའི་གཞུང་གིས་དགག་བྱ་དང་གནོན་ཤུགས་མང་དུ་གཏོང་ཆེད་བྷ་ཌན་འཛིན་སྐྱོང་གིས་ཨི་སི་རེལ་ལ་མཚོན་ཆ་གཏོང་མཚམས་བཞག་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་གཤམ་ལ་གསན་གཟིགས་གནང་རོགས།
བྷ་ཌན་དང་ཊམ་གཉིས་དབར་གྱི་༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་དུ། ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པའི་འོས་འཕེན་པའི་གྲངས་འབོར་དེ་བཞིན་ལོ་བཞིའི་སྔོན་དང་བསྡུར་ན་ས་ཡ་གཉིས་ཙམ་མང་དུ་ཕྱིན་ཡོད་སྟབས། སྲིད་དོན་ཚོགས་པ་གཉིས་ཀས་ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པའི་འོས་འཕེན་པ་ཚོའི་འོས་ཤོག་ཐོབ་ཐབས་བྱེད་བཞིན་པ་རེད།
ཡུ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུ་ལ་མ་རྩ་བཀག་སྡོམ་བྱས་ནས་ཐོབ་པའི་ཁེ་སྤོགས་དེ་དག་ཡུག་ཀེ་རེན་ལ་གོ་མཚོན་ཉོ་སྒྲུབ་ཐད་ནས་འགྲོ་སོང་གཏང་རྒྱུའི་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ Henry Ridgwell ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
༄༅།། ༡༩༧༣་ལོའི་ཕྱི་ཟླ་༥་པའི་ཚེས་༨་ཉིན་རྒྱ་གར་གཞུང་དང་འབྲས་ལྗོགས་ཀྱི་སྲིད་དོན་ཚོགས་པ་ཁག འབྲས་ལྗོངས་ཆོས་རྒྱལ་བཅས་ཕྱོགས་ཁག་གསུམ་གྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དེར་འཛམ་གླིང་ཡོངས་སུ་ཕྱོགས་གསུམ་གྲོས་མཐུན་ཞེས་གྲགས།
༢༠༢༣ ལོའི་ཕྱི་ཟླ་བཅུ་པར་ཧ་མ་སི་ཡིས་ཨི་སི་རེལ་ལ་རྒོལ་རྡུང་བཏང་པ་དང་དེ་རྗེས་དམག་འཁྲུག་ལངས་ཡོད་པ་དང་བསྟུན། ལོ་དེར་འཛམ་གླིང་ཡོངས་སུ་འཇིའུ་མི་རིགས་ལ་གནོད་འཚེ་ཕོག་རྒྱུ་མང་དུ་ཕྱིན་ཡོད་པ་སྙན་ཐོ་གསར་པའི་ནང་བཏོན་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
༄༅།། འབར་མའི་དམག་གཞུང་དང་གྱེན་ལོག་པ་ཚོས་ཟླ་ཤས་གོང་ནས་ནང་འཁྲུག་བསླངས། འབར་མའི་གྱེན་ལོག་པ་ཚོས་ས་ཆ་རྒྱ་ཆེན་པོ་ཞིག་བླངས་པའི་ཞོར་དུ་ནང་འཁྲུག་ཀྱང་ཆེ་རུ་ཕྱིན་ཏེ་མང་ཚོགས་ལ་བསད་རྨས་ཚབས་ཆེན་ཕོག
༄༅།། ད་ལོའི་དབྱར་དུས་སུ་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་ཤིང་མགོ་ལའི་ཕུག་ལམ་འཛུགས་སྐྲུན་བྱས་ནས་ལ་དྭགས་དང་ཧི་མ་ཅལ་མངའ་སྡེ་གཉིས་མཐུད་ཐབས་བྱ་རྒྱུའི་ཐག་བཅད།
དམངས་གཙོ་ཚོགས་པའི་སྲིད་འཛིན་བྷ་ཌན་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་དབར་ལ་འོས་བསྡུའི་འགྲན་བསྡུར་ནི་ད་ནས་ཟླ་བ་དྲུག་གི་རྗེས་སུ་འཚོག་རྒྱུ་ཡིན་པ་རེད། འོས་བསྡུ་ཉིན་མོའི་སྔོན་ལ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སོགས་ཀྱི་སྐོར་ལ་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁ་ཆེ་མི་འབོར་ཆེ་བའི་གྲོང་ཚོ་ཞིག་ཏུ་འདས་པའི་ལོ་ངོ་བཞིའི་སྔོན་མི་སེར་གྱི་ཁྲིམས་གསར་པར་ཟླ་བ་མང་པོར་ངོ་རྒོལ་བྱས། ད་ཆ་ས་ཆ་དེ་ཟས་ཀྱི་ཁྲོམ་རར་གྱུར་བ་ནི་ངོ་རྒོལ་བྱས་སྐབས་སྤྱི་ཚོགས་འདྲ་མིན་གྱི་མི་རྣམས་ཞེ་ལག་མཉམ་དུ་མཆོད་པའི་ཉམས་མྱོང་དང་འབྲེལ་བ་ཡོད་པ་བསོད་ནམས་དབྱངས་འཛོམས་ཀྱིས་བསྒྱུར།
རྒྱ་ནག་གི་ཞི་ཅིན་ཕིང་གི་ཧྥ་རན་སིའི་ནང་ཉིན་༢ རིང་གི་འཚམས་འདྲི་དེ་རེས་གཟའ་མིག་དམར་ཉིན་མཇུག་སྒྲིལ་ཡོད། དེ་ནི་འདས་པའི་ལོ་༥ ཡི་ནང་ཁོ་པ་ཡུ་རོབ་ནང་འཚམས་འདྲི་སླེབས་པ་ཐོག་མ་དེ་ཡིན། རྒྱ་ནག་དང་ཡུ་རོབ་ཀྱིས་ཚོང་དོན་གྱི་རྩོད་རྙོག་དང་ཨུ་རུ་སུའི་གནད་དོན་སོགས་དང་འབྲེལ་བའི་དཀའ་རྙོག་ཁག་ཅིག་ལ་གདོང་ལེན་བྱེད་བཞིན་ཡོད།
ཨི་སི་རེལ་གྱིས་གྷ་ཛའི་ལྷོ་ཕྱོགས་གྲོང་ཁྱེར་ར་ཧྥའི་ནང་དྲག་པོའི་བཙན་རྒོལ་ཞིག་བྱ་རྒྱུའི་འཆར་གཞིའི་འོག ཨི་སི་རེལ་དང་ཧ་མ་སི་ཡི་དབར་མེ་འཕེན་མཚམས་འཇོག་ཡོང་རྒྱུའི་རེ་གཞི་ཇེ་བཟང་དུ་ཕྱིན་པའི་གནས་ཚུལ་ཐོན་པ་དང་། དེ་བཞིན་སྲིད་འཛིན་བྷ་ཌན་གྱིས་ཇོར་ཌན་གྱི་རྒྱལ་པོར་མཇལ་འཛོམས་དང་ཨི་སི་རེལ་གྱི་འགོ་ཁྲིད་དང་བཀའ་མོལ་གནང་།
༄༅།། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་ཨུ་རུ་སུའི་གསང་ཉུལ་ཚོས་སྲིད་འཛིན་ཛེ་ལན་སི་ཀི་དང་མཐོ་རིམ་དམག་དཔོན་ཚོ་གསོད་རྒྱུའི་ལྐོག་ཇུས་བཤམས་པ་འགོག་ཐུབ་ཡོད་ཅེས་གསལ་བསྒྲགས་སྤེལ།
མང་སྣོན།