༄༅། ཐེངས་འདིའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན་འདིའི་ནང་བོད་ཡིག་དང་སེམས་འཚོར། བཟང་སྤྱོད་སོགས་གོང་འཕེལ་གཏོང་ཕྱོགས་ཀྱི་བསླབ་གཞི་ཡོད་པའི་སློབ་གྲྭ་ཞིག་མན་ཎི་སོ་ཌ་ནང་ཆེད་འཛུགས་བྱེད་གཏན་འཁེལ་ཡོད་པའི་འབྲེལ་ཡོད་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ངག་དབང་སྒྲོལ་དཀར་ལགས་ལ་བཅའ་འདྲི་ཞུས་པ་དེ་གསན་རོགས་གནང་།
༄༅། ཐེངས་འདིའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན་ནང་བོད་སྐད་བཤད་པའི་སྐབས་སུ་གཏམ་དཔེ་དྲངས་པ་ཡིན་ན་ཚིག་ཉུང་ཞིང་དོན་གསལ་བ་སོགས་བྱས་ཏེ་སྐད་ལ་དབྱིངས་དང་དྲོ་བ་ཁྱད་པར་ཅན་ཞིག་ཡོད་པའི་དགེ་མཚན་དང་གནད་འགག་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
ཨ་རིའི་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་རྣམ་པའི་ཁྲོད་དུ་གཞུང་གི་འགྲོ་གྲོན་གཏོང་ཕྱོགས་ཀྱི་ཁྲིམས་ཡིག་བཅུ་ཕྲག་གཅིག་ཙམ་གྱི་ཐོག་གྲོས་འཆམ་མ་བྱུང་བར་འཁྲུག་རྩོད་རྒྱག་མུས་ཡིན་པ་འདི་ཡིས་ ཨ་རིའི་གཞུང་གི་ལས་ཁུངས་ཁག་རེ་ཞིག་རིང་སྒོ་རྒྱབ་དགོས་ཐུག་སྲིད་པའི་གནས་སྟངས་ཤིག་ཡོད་པ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྲང་ལམ་ཐོག་གི་དབུལ་ཕོངས་པའི་སྡོད་སྒར་གྱི་མི་མང་ཚོས་རང་གི་སྡོད་གནས་ཀྱི་ཉེ་འཁྲིས་སུ་འཛམ་གླིང་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་འཚོག་རྒྱུ་ཡིན་པ་གོ་ཐོས་སྐབས་རང་ལའང་ཕན་ཐོགས་འབྱུང་རེ་བྱས་ཀྱང་། ད་ཆ་དེའི་ཚབ་ལ་མི་མང་དེ་དག་སྡོད་ཁྱིམ་མེད་པར་གྱུར་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ།
གཟའ་མིག་དམར་ཉིན་ཐའེ་ལནཌ་ཡི་རྒྱལ་པོ་Maha Vajiralongkorn ཡི་སྲས་ཆེ་ཤོས་གཉིས་པ་དེ་མི་ལོ་ངོ་༢༧ གྱི་རྗེས་སུ་རང་ཡུལ་ལ་ལོག་ནས་ཁྱིམ་ཚང་ཉམ་ཐག་གི་བུ་བཅོལ་ཁང་ཞིག་ལ་གཟིགས་སྐོར་གནང་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
ཐེ་ལན་གྱི་དམངས་གཙོ་དོན་གཉེར་བའི་མནའ་འབྲེལ་འཐབ་རྩོད་བ་ཚོས་ ངོ་རྒོལ་སྤེལ་བཞིན་པ་འདི་ནི་ཕྱི་ཟླ་ལྔ་པའི་རྒྱལ་ཡོངས་འོས་བསྡུའི་ནང་ཁོང་ཚོར་འོས་ཤོག་གི་བཞི་ཆ་གསུམ་ཙམ་ཞིག་ཐོབ་ཡོད་ནའང་སྲིད་གཞུང་གསར་འཛུགས་བྱེད་དུ་བཅུག་མེད་པ་དེ་ཡིན་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་བྷ་ཌན་གཞུང་གིས་རྒྱ་ནག་གི་ཤུགས་རྐྱེན་བཀག་འགོག་བྱ་རྒྱུར་དམིགས་པའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་གསུམ་དང་མཉམ་དུ་ལོ་ཉི་ཤུའི་རིང་བཞག་པའི་གྲོས་མཐུན་བསྐྱར་གསོ་བྱེད་ཕྱོགས་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད། ཡིན་ནའང་དེ་ལྟར་དུས་ཐོག་བྱེད་ཐུབ་ཨེ་ཡོང་བསམ་པ་ཞིག་ཡོད་པ་རེད།
ཏུར་ཀི་ཡུལ་གྱིས་སེ་རི་ཡའི་སྐྱབས་བཅོལ་བ་ཐེ་བའི་འཛམ་གླིང་ནང་སྐྱབས་བཅོལ་བ་མང་ཤོས་ལ་གནས་ཚང་སྤྲོད་བཞིན་ཡོད་པའི་ཐོག་བསྐྱར་དུ་འོས་འདེམས་བྱུང་བའི་སྲིད་འཛིན་ཨེ་ཌོ་གྷན་གྱིས་ད་དུང་སྐྱབས་བཅོལ་བ་ས་ཡ་མང་པོ་ལེན་རྒྱུའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་མིན་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
གསར་དུ་ཐོན་པའི་བརྙན་པར་ནང་ཀོ་ལིམ་བྷི་ཡའི་ནགས་ཚལ་མཐུག་པོའི་ནང་གནམ་གྲུ་བརྡབ་སྐྱོན་བྱུང་སྟེ་ཉིན་གྲངས་བཞི་བཅུའི་རྗེས་སུ་བུ་ཕྲུག་བཞི་གསོན་པོར་རྙེད་སོན་བྱུང་བ་མཐོང་རྒྱུ་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།
པ་ཀི་སི་ཐན་གྱི་མཉམ་འབྲེལ་གཞུང་འཛིན་པས་ཆེས་མཐོའི་ཁྲིམས་ཁང་གི་མདུན་དུ་རྔམ་སྟོན་སྤེལ་ཏེ་ཡུལ་གྱི་ཁྲིམས་ཞིབ་པ་ཆེན་མོས་དེ་སྔའི་སྲིད་བློན་ཨིམ་རན་ ཁཱན་གློད་བཀྲོལ་བཏང་བར་ངོ་རྒོལ་དང་བཅས། ཁོང་གིས་ལས་གནས་ནས་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕབ་སྒྱུར་བྱས།
རང་ལོ་༢༡ སོན་པ་མ་ས་ཆུ་སེ་ཊི་མངའ་སྡེའི་རྒྱལ་ཡོངས་ཡུལ་སྲུང་དམག་མི་ཞིག་གིས་ཨ་རིའི་རྒྱལ་དོན་སྲུང་སྐྱོབ་ཀྱི་གསང་བའི་ཡིག་ཆ་ཕྱི་གྱར་བྱས་ཏེ་ཁྲིམས་འགལ་བྱས་པའི་ཉེས་འཛུགས་འོག་ཁྲིམས་ཁང་ནང་ངོ་བཅར་ཞུས་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཨུ་རུ་སུས་ཡུག་ཀེ་རེན་ལ་དམག་འཁྲུག་རྒྱག་འགོ་ཚུགས་པ་ནས་བཟུང་ཡུ་རོབ་མཉམ་འབྲེལ་གྱིས་ཡུག་ཀེ་རན་གྱི་སྐྱབས་བཅོལ་ས་ཡ་མང་པོ་ལེན་རྒྱུར་སྒོ་མོ་ཕྱེས་ཡོད་ནའང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཕྱི་མི་ལེན་རྒྱུར་དམ་དྲག་བྱེད་ཀྱིན་ཡོད་པ་དང་། ཁྲིམས་གསར་པ་གཏན་འབེབ་བྱས་ཡོད་པའི་སྐོར་པདྨ་བདེ་ཆེན་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིས་འབར་མའི་དྲག་པོའི་འགོ་ཁྲིད་ཚོར་དཔལ་འབྱོར་གྱི་ཉེས་ཆད་ཇེ་ཆེར་གཏོང་བཞིན་ཡོད་པ་དེ་ལྟར་ནའང་ལོ་ངོ་གཉིས་ཀྱི་རྗེས་སུ་འགོ་ཁྲིད་དེ་ཚོས་མུ་མཐུད་དབང་འཛིན་བྱེད་བཞིན་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུས་ཡུག་ཀེ་རན་ཐོག་རྒྱག་བའི་དམག་འཁྲུག་འདི་ཡིས་ཨ་རི་དང་རྒྱ་གར་དབར་གྱི་འབྲེལ་ལམ་ནང་མི་མཐུན་པའི་གནས་སྟངས་ཤིག་བསྐྲུན་ཡོད་ནའང་། རྒྱ་ནག་ཐོག་བློ་འཚབ་ཡོད་པ་འདི་ཡིས་ཕན་ཚུན་དབར་འབྲེལ་ཐག་ཉེ་པོ་འཇོག་རྒྱུ་ཡིན་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཨུ་རུ་སུས་ཡུཀ་རེན་གྱི་རྒྱལ་ས་དང་དེ་བཞིན་གྲོང་ཁྱེར་མང་པོ་ཞིག་ཆུ་གློག་དང་ནུས་པའི་འབྱུང་ཁུངས་ཀྱི་རྨང་གཞིའི་འཛུགས་སྐྲུན་མང་པོར་གཏོར་སྐྱོན་འཚབ་ཆེ་བཏང་པའི་གནས་སྟངས་འོག་ ད་ལོ་དགུན་ཁའི་གནས་གཤིས་གྲང་ངར་ཆེ་བའི་སྐབས་སུ་ཡུཀ་རེན་གྱི་མི་མང་རྣམས་ལ་ཚ་གློག་དང་གཞན་ཡང་ནུས་ཤུགས་ཀྱི་མཐུན་རྐྱེན་མི་གདེང་བའི་དཀའ་ངལ་འཕྲད།
༄༅། ཨ་རིའི་མངའ་སྡེ་ཁེ་ལེ་ཧྥོ་ནི་ཡའི་ནང་བར་མའི་འོས་བསྡུའི་གྲངས་བཤེར་གྲུབ་པ་ཁག་ཅིག་གི་ཐོག་ནས་སྤྱི་མཐུན་ཚོགས་པར་གྲོས་ཚོགས་འོག་མའི་འཐུས་མིའི་གྲངས་གཅིག་མང་བ་བྱུང་ཡོད་པ་དེ་ཡིས་ད་ཆ་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པ་གྲངས་མང་དུ་གྱུར་ཡོད་པའི་སྐོར།
༄༅། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུལ་མི་འབུམ་གསུམ་ཞིག་དམག་ནང་གསར་འཇུག་བྱེད་བའི་ཐག་ཆོད་བྱུང་བའི་རྗེས་ཨུ་རུ་སུའི་མི་མང་་ཁྲོད་ཀྱི་འཇིའུ་མི་རིགས་བ་ཧ་ཅང་མང་པོ་ཞིག་གིས་རང་གི་ཕ་མེས་ཀྱི་རྒྱལ་ཁབ་ཨིསི་རལ་ལ་གནས་སྤོ་བྱེད་འགོ་ཚུགས་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
༄༅། རྒྱལ་ཁབ་ཉི་ཤུའི་ཚོགས་སྡེའི་ཚོགས་ཆེན་གྱི་སྤྱི་བསྒྲགས་ཟིན་བྲིས་ནང་ཨུ་རུ་སུས་ཡུཀ་རེན་ལ་དམག་འཁྲུག་རྒྱབ་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་ཆབ་ཅིག་ཏུ་ད་ཆ་དམག་འཁྲུག་དེ་བཞིན་ཆ་རྐྱེན་གང་ཡང་མེད་པར་མཚམས་འཇོག་བྱེད་དགོས་ཞེས་སྐུལ་མ་བྱས་ཡོད་པའི་སྐོར།
༄༅། གདན་ས་ཆེན་པོའི་ཡ་གྱལ་སེར་སྨད་གྲ་ཚང་གི་ཟི་ལིང་སྟོང་འཁོར་རིན་པོ་ཆེ་མཆོག་གིས་གཟའ་འཁོར་སྔོན་མའི་ལྷག་དཀར་ཉིན་ནས་རྒྱལ་སའི་མངའ་ཁུལ་དུ་བོད་མི་ཚོར་ཉིན་རེའི་འཚོ་བ་ནང་ནང་པའི་ཆོས་དད་པས་ཉམས་ལེན་བྱེད་ཕྱོགས་ཐད་བཀའ་སློབ་གནང་སྐབས་མི་བཟང་པོ་ཞིག་བྱེད་རྒྱུ་གལ་ཆེ་ཡིན་པ་ནན་བརྗོད་གནང་ཡོད་པའི་སྐོར།
༄༅། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་མཆོག་གིས་ད་རེས་གཟའ་མིག་དམར་ཉིན་གྱི་བར་མའི་འོས་བསྡུའི་གྲུབ་འབྲས་ཐོན་པ་ཁག་ལ་གཞིགས་ཏེ་ཨ་རིའི་དམངས་གཙོའི་ལམ་ལུགས་དེ་བཞིན་དར་ཞིང་རྒྱས་པའི་ངང་གནས་ཡོད་པ་མཚོན་གྱི་ཡོད་པ་སྐོར་གསུངས་སྐོར་
མང་སྣོན།